故乡调调 - 索贡桑旺姆.mp3

故乡调调 - 索贡桑旺姆.mp3
故乡调调-索贡桑旺姆 (无损音质) 专享
[00:00.000] 作词 : 无 [00:01...
[00:00.000] 作词 : 无
[00:01.000] 作曲 : 无
[00:02.000] 编曲 : 无
[00:10.869]ཕ་ཡུལ་གྱི་འགྱུར་ཁུག་།།
[00:26.028]ཚིག་དང་དབྱངས་།  རག་ཤི་ཀརྨ་བསམ་གཏན་།
[00:34.683]ཐོག་ལེན་། བསོད་ནམས་བདེ་སྐྱིད་།
[00:36.395]བསྐྱར་ལེན་།   སོག་ཀུན་བཟང་དབང་མོ་།
[00:41.699]ཁུ་བྱུག་གྲགས་བྱུང་དཔྱིད་ཀྱི་དཔལ་ཡོན་ཤར་སོང་།
[00:48.067]སེམས་པ་སྐྱིད་བྱུང་སྙན་པའི་གཞས་ཤིག་བཏང་ཡོད་།
[00:54.555]ཁུ་བྱུག་འདྲ་བའི་གསུང་སྐད་སྙན་པོ་མེད་ཀྱང་།
[01:00.972]ཨ་མས་བསླབས་པའི་འགྱུར་ཁུག་དྭངས་མ་དེ་ཡིན་ལོ་།
[01:07.757]ང་ཚོ་འཛོམས་བྱུང་གནམ་ལོ་གསར་པ་ཚེས་སོང་།
[01:13.747]སེམས་པ་སྐྱིད་བྱུང་སྙན་པའི་གཞས་ཤིག་བཏང་ཡོད་།
[01:20.163]ཚངས་མགུར་འདྲ་བའི་གླུ་ཚིག་སྙན་པོ་མེད་ཀྱང་།
[01:26.571]ཕ་ཡུལ་ལུང་པའི་འགྱུར་ཁུག་དྭངས་མ་དེ་ཡིན་ལོ། །
[01:32.963]ཨ་ལ་ཡེ་།
[01:37.795]ཕ་ཡུལ་།
[01:42.539]ཕ་ཡུལ་འགྱུར་ཁུག་གངས་རིའི་འདབས་ལ་ཡོད་།
[01:49.139]གངས་རིའི་འདབས་ལ་ང་ཡི་ཕ་ཡུལ་ཡོད་།
[02:21.260]མེ་ཏོག་འཁྲུངས་བྱུང་དཔྱིད་ཀྱི་དཔལ་ཡོན་ཤར་སོང་།
[02:27.371]སེམས་པ་སྤྲོ་བྱུང་དགའ་བའི་བྲོ་ཞིག་འཁྲབ་ཡོད་།
[02:33.787]མེ་ཏོག་འདྲ་བའི་གར་སྟབས་མཛེས་པོ་མེད་ཀྱང་།
[02:40.275]ཨ་མས་བསླབས་པའི་གར་སྟབས་དྭངས་མ་དེ་ཡིན་ལོ་།
[02:46.635]རྟེན་འབྲེལ་འགྲིག་བྱུང་དགའ་ཉེ་སྤུན་མཆེད་འཛོམས་སོང་།
[02:53.004]སེམས་པ་དགའ་བྱུང་གླུ་ཡི་མཆོད་པ་འབུལ་ལོ་།
[02:59.427]མཆོད་པ་འདྲ་བའི་གླུ་སྣ་འཛོམས་པོ་མེད་ཀྱང་།
[03:05.868]ཕ་ཡུལ་ལུང་པའི་འགྱུར་ཁུག་དྭངས་མ་དེ་ཡིན་ལོ་།
[03:12.203]ཨ་ལ་ཡེ་།
[03:16.924]ཕ་ཡུལ་།
[03:21.923]ཕ་ཡུལ་འགྱུར་ཁུག་རྩྭ་ཐང་སྟེང་ལ་ཡོད་།
[03:28.202]རྩྭ་ཐང་སྟེང་ལ་ང་ཡི་ཕ་ཡུལ་ཡོད་།
[03:34.580]ཨ་ལ་ཡེ་།
[03:39.388]ཕ་ཡུལ་།
[03:44.181]ཕ་ཡུལ་འགྱུར་ཁུག་རྩྭ་ཐང་སྟེང་ལ་ཡོད་།
[03:50.547]རྩྭ་ཐང་སྟེང་ལ་ང་ཡི་ཕ་ཡུལ་ཡོད་།
展开